1.单选题 (1分)
གནའ་བོའི་སུ་མེར་བའི་ཡུལ་དུ་དར་པའི་ཡི་གེ་ནི( )
A གཟེར་དབྱིབས་ཡི་གེ
B ལྷ་རིས་ཡི་གེ
C སྐོགས་རིས་ཡི་གེ
D ཧྥེ་ཉི་ཅིའི་ཡི་གེ
2.单选题 (1分)
ད་ལྟར་སྤྱོད་བཞིན་པའི་བོད་ཡིག་འདི་ནི( )ལ་གཏོགས་པ་རེད།
A དོན་མཚོན་ཡི་གེ
B འདྲ་གཟུགས་ཡི་གེ
C སྒྲ་སྦྱོར་ཡི་གེ
D རི་མོའི་ཡི་གེ
3.单选题 (1分)
སྐད་ཆ་ཞིག་ལོ་རྒྱུས་ཀྱི་ཆ་ལ་ཡུན་རིང་དུ་ཉར་དགོས་ན་ངེས་པར( )ཡོད་དགོས་པ་རེད།
A བརྡ་སྤྲོད།
B ཡི་གེ
C བརྗོད་དོན།
D སྒྲ་གདངས།
4.单选题 (1分)
སྲིད་པ་འཕྲུལ་གྱི་ཇུ་ཐིག་དཔྱད་དོན་སྣང་གསལ་སྒྲོན་མེ་རུ། མདུད་པའི་མཚོན་དོན་ལ( )ཡོད།
A བཅོ་ལྔ།
B བཅུ་ཐམ་པ།
C བཅུ་གསུམ།
D བཅུ་ཡོད་པས་བཅུ་ཐིག་ཟེར།
5.单选题 (1分)
ཐ་གུའི་ཡི་གེ་མཐའ་མཇུག་ཉམས་པར་གྱུར་པའི་རྒྱུ་གཙོ་བོ་ནི( )རེད།
A སྐད་ཆའི་སྦྱོར་བ་མཚོན་པའི་བྲིས་རིས་མ་ཡིན་པས་རེད།
B སྒྲ་བཀླག་ཏུ་མེད་པའི་རེད།
C རྣམ་གྲངས་མང་པོ་མེད་པས་རེད།
D དོན་གང་ཡང་མེད་པས་རེད།
6.单选题 (2分)
བོད་ཡིག་གསལ་བྱེད་ཀྱི་སྡེ་པ་མཐའ་མ་ནི( )རེད།
A ར་ལ་་ཤ་ས།
B ཞ་ཟ་འ་ཡ།
C ཧ་ཨ།
D ཙ་ཚ་ཛ་ཝ།
7.单选题 (1分)
བོད་ཡིག་གསལ་བྱེད་ཀྱི་ཡི་གེ་དག་ལས་ཤིན་ཏུ་མོ་ཞེས་པ་ནི( )རེད།
A ར་ལ་ཧ་ཨ།
B ང་ཉ་ན་མ།
C ཀ་ཅ་ཏ་པ་ཙ།
D ཁ་ཆ་ཐ་ཕ་ཚ།
8.单选题 (1分)
འཕུལ་ཡིག་ཅེས་པ་ནི( )ཡི་གེ་དག་གི་མིང་གཞན་ཞིག་རེད།
A རྗེས་འཇུག
B མགོ་ཅན།
C འདོགས་ཅན།
D སྔོན་འཇུག
9.单选题 (1分)
ཡི་གེ་དེ་དག་གི་གང་རུང་མེད་ན་དོན་གང་ཡང་མི་སྟོན་པ་ནི( )རེད།
A སྔོན་འཇུག
B ཡང་འཇུག
C རྗེས་འཇུག
D དབྱངས་ཡིག
10.单选题 (1分)
བོད་ཡིག་ཐོག་མར་གསར་དུ་མཛད་པའི་དུས་དེ་ཉིད་ལ་རྒྱ་གར་སྐད་ཆ་སྒྱུར་བྱེད་ཀྱི་ཡི་གེ་ཞིག་ཀྱང་བཟོས་པ་ལ( )རེད།
A དབྱངས་གསལ་གཉིས་ཀ་ཡོད་པ།
B གསལ་བྱེད་ཀྱི་ཡི་གེ་ཁོ་ན།
C དབྱངས་ཀྱི་ཡི་གེ་ཁོ་ན།
D གསལ་བྱེད་ཀྱི་ཡི་གེ་འགའ་ཞིག
11.单选题 (1分)
རྒྱ་གར་གྱི་ཡི་གེ་ལ་གཏན་ཁེལ་བྱས་ཟིན་པའི་ཡི་གེ་དག་མ་གཏོགས་གསལ་བྱེད་བརྩེགས་མ( )རེད།
A ཡོད་པ།
B མེད་པ།
C གཏན་ནས་མེད་པ།
D ངེས་གཏན་མེད་པ།
12.单选题 (2分)
གྱང་སྒྲ་ནི་གནའ་བོའི་སྐད་ལ་ཚིག་ཕྲད་ཡིན་ཡང་རྗེས་སུ( )རེད།
A བསྡུས་པ།
B དོར་པ།
C བརྗེས་པ།
D གཞན་དུ་བསྒྱུར་པ་རེད།
13.单选题 (2分)
བརྡ་གསར་རྙིང་གི་དབྱེ་བ་ནི་གཙོ་བོ( )ཆ་ནས་བྱས་པ་རེད།
A དོན་གྱི།
B སྒྲ་ཡི།
C མིང་གི
D བཀླག་ཚུལ་གྱི།
14.单选题 (2分)
བོད་ཡིག་འདི་གསར་དུ་བྱུང་བ་ནས་བོད་སྐད་ཀྱི( )གཅིག་གྱུར་བྱུང་བ་རེད།
A མིང་བརྡ།
B སྒྲ་གདངས།
C རྣམ་དབྱེའི་ཚིག་ཕྲད།
D སྒྲིག་རིམ།
15.单选题 (2分)
སྐད་ཆ་ཞིག་ལོ་རྒྱུས་ཀྱི་ཆ་ལ་ཡུན་རིང་དུ་ཉར་དགོས་ན་ངེས་པར( )ཡོད་དགོས་པ་རེད།
A བརྡ་སྤྲོད།
B ཡི་གེ
C བརྗོད་དོན།
D སྒྲ་གདངས།
16.单选题 (2分)
སྐད་ཆ་ལ་སྐྱོན་ཆ་ཆེན་པོ་གཉིས་ཡོད་པ་ནི( )རེད།
A ཡུལ་དུས་ཀྱིས་བསྐལ་པ།
B སྒྲ་དོན་གྱིས་སྟོང་པ།
C སྒྲ་གཟུགས་ཀྱིས་སྟོང་པ།
D མིང་དོན་གྱིས་སྟོང་པ།
17.单选题 (2分)
ཡི་གེའི་རྟགས་ཀྱི་མིང་ལ་མི་དང་འདྲ་བའི་མིང་སྦྱར་བ་ནི( )ལ་ངེས་པ་བསྐྱེད་པའི་ཕྱིར་རེད།
A ཡི་གེའི་གཟུགས་རིས།
B ཡི་གེའི་བརྗོད་དོན།
C ཡི་གེའི་སྦྱོར་བ་དང་བཀླག་གདངས།
D ཡི་གེའི་འབྲི་སྟངས།
18.单选题 (2分)
བོད་སྐད་ནི་སྒྲ་རྒྱུ་རེ་རེ་བཞིན་ཟུར་ཕྱིན་པར་ཀློག་ཅིང( )རྣམ་པ་གསལ་བའི་སྐད་ཆ་ཞིག་རེད།
A སྔོན་འཇུག
B མགོ་ཅན།
C སྒྲ་ཚིགས་ཀྱི།
D དབྱངས་ཡིག
19.单选题 (2分)
གནའ་བོའི་བོད་སྐད་ལ་གསལ་བྱེད( )མང་པ་ནི་ཁྱད་ཆོས་ཤིན་ཏུ་གལ་ཆེན་ཞིག་རེད།
A སྦྲེལ་མ།
B རྐྱང་པ།
C མགོ་ཅན།
D བརྩེགས་མ།
20.单选题 (2分)
བོད་ཡིག་ལ་ལོ་རྒྱུས་སྟེང་སྐད་གསར་བཅོས་ཀྱི་བཀས་བཅད་ཐེངས་མ( )མཛད་པ་རེད།
A གཉིས།
B གསུམ།
C གཅིག
D བཞི།
21.判断题 (2分)
བོད་ལ་ཡི་གེ་འདི་བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་བྱུང་བ་ལ་ཏུང་ཧོང་ཡིག་ཚང་གི་བདེན་དཔང་ཡོད་པ་རེད།

22.判断题 (2分)
བོད་སྐད་ནི་སྒྲ་རྒྱུ་རེ་རེ་བཞིན་ཟུར་འཐོན་པར་བརྗོད་ཅིང་སྒྲ་ཚིགས་གསལ་བའི་སྐད་ཆ་ཞིག་ཡིན་པ་བཞིན་ཡི་གེ་ལའང་མགོ་འདོགས་འཕུལ་རྟེན་སོགས་ཀྱི་རྣམ་གཞག་མཛད་པ་རེད།

23.判断题 (2分)
དབུ་མེད་ཅེས་པ་ནི་དབུ་ཅན་དང་འདྲ་བར་ཡི་གེའི་མགོ་དྲང་ཞིང་མཉམ་པོ་མ་ཡིན་པས་དེ་ལྟར་བཏགས་པ་རེད།

24.判断题 (2分)
བོད་ཡིག་ལ་སྒྲ་གདངས་བཀླག་ཏུ་རུང་ཡང་ད་དུང་དོན་ལ་མི་འཇུག་པའི་ཡི་གེའི་རྣམ་གྲངས་མང་པོ་ཞིག་ཡོད་པ་རེད།

25.判断题 (2分)
མགོ་འདོགས་འཕུལ་རྟེན་མི་འདྲ་བ་ལ་སྒྲ་གདངས་མི་འདྲ་བ་རེ་ཡོད་ཀྱང་ད་ལྟ་སྐད་ཆ་འགྱུར་ཆེ་ཡང་ད་དུང་ཡང་ཇི་བཞིན་འཐོན་དཀའ་བ་རེད།

26.多选题 (4分)
ཐོན་མིའི་ཡི་གེས་བོད་སྐད་ལ་ཐོན་པའི་ཕན་ནུས་གཙོ་བོ་ནི( )རེད།
A བོད་སྐད་ཀྱི་གནའ་བོའི་སྦྱོར་བ་ཇི་བཞིན་མཚོན་པ།
B བོད་སྐད་ཀྱི་བརྗོད་སྟོབས་ཀྱི་ནུས་པ་ཆེར་སྐྱེད་པ།
C བོད་སྐད་ཀྱི་འགྱུར་བ་གསལ་བར་མཚོན་པ།
D བོད་སྐད་ཀྱི་གཏན་ཚིགས་ཀྱི་ཁྱད་ཆོས་ཇི་བཞིན་མཚོན་པ།
27.多选题 (4分)
འཕགས་པའི་ཡི་གེའི་ཕན་ནུས་ཆེས་ཆེ་བ་ནི( )རེད།
A ཡོན་རྒྱལ་རབས་སྐབས་ཀྱི་སྐད་ཆ་སྣ་ཚོགས་སྒྱུར་འབྲི་བྱེད་པ་དང་།
B བོད་ཀྱི་ནང་བསྟན་གཞུང་ལུགས་མོང་གོལ་དུ་སྤེལ་པར་བྱས་པ་དང་།
C ཀྲུང་གོའི་བྱང་ཕྱོགས་ཀྱི་སྐད་ཆ་གཅིག་གྱུར་ལ་རྨང་བཏིང་བ་དང་།
D ཁོ་རེ་ཡའི་ཡི་གེ་དང་ཐམ་གའི་ཡི་གེ་སོགས་ལ་དཔེ་གཞི་བཏོན་པ།
E འཛམ་གླིང་དུ་སྤྱད་ཡུན་རིང་བའི་ཡི་གེ་ཞིག་ཏུ་གྱུར་པ་དང་།
28.多选题 (4分)
བོད་ཡིག་གསལ་བྱེད་སུམ་ཅུ་ལ་རྟགས་ཀྱི་དབྱེ་བ་ཕྱེ་བའི་དགོས་པ་ནི( )རེད།
A གསལ་ཡི་གེའི་རྩ་ལག་གི་དབྱེ་བ་དང་སྦྱོར་ཚུལ་གསལ་བར་བྱེད་པ་དང་།
B ཡི་གེའི་རྣམ་གྲངས་ལ་བརྟག་པ།
C བོད་ཡིག་ལ་གསར་དུ་བསྣན་པའི་ཡི་གེ་གང་དག་ཡིན་པ་གསལ་བར་བྱེད་པ་དང་།
D གསལ་བྱེད་སུམ་ཅུའི་སྒྲིག་རིམ་གསལ་བར་བྱེད་པ་དང་།
29.多选题 (4分)
བོད་ཀྱི་ལོ་རྒྱུས་སྟེང་སྒྲ་ཡངས་འཇུག་གི་ཡི་གེ་ལ( )ཡོད།
A ཐག་པ་ལ་མདུད་པ་བོར་པ་དང་།
B དངོས་པོ་སྐྱེས་སུ་བསྐུར་བ།
C འདྲ་གཟུགས་རི་མོར་འགོད་པ།
D རྡེའུ་འགྲེམས་པ། ས་ཐོ་སློང་བ། མེ་བརྡ་གཏོང་བ་སོགས་བྱུང་བ།
30.多选题 (4分)
འཛམ་བུ་གླིང་དུ་དར་པའི་ཡི་གེ་ཐམས་ཅད་རིགས་སུ་བསྡུས་ན་གཙོ་བོ་གཉིས་སུ་བསྡུ་བ་སྟེ( )
A དོན་མཚོན་ཡི་གེ་དང་།
B ཚིག་སྦྱོར་ཡི་གེ་དང་།
C སྒྲ་མཚོན་ཡི་གེ་དང་།
D དབྱངས་གསལ་ཡི་གེ
31.多选题 (4分)
བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ད་ལྟའི་བོད་ཡིག་འདི་གསར་དུ་བཟོ་དགོས་པའི་རྒྱུ་མཚན་ནི ( )
A ཡུལ་ལུང་ཐ་དད་པའི་སྐད་ཆའི་བརྗོད་པ་གཅིག་ཏུ་བསྡུ་བའི་དགོས་མཁོས་གཏུགས་པ་དང་།
B སྤུ་རྒྱལ་བཙན་པོའི་སྲིད་དབང་གཅིག་སྡུད་དང་སྲ་བརྟན་ཡོང་བའི་དགོས་མཁོས་གཏུགས་པ་དང་།
C ནང་པ་སངས་རྒྱས་པའི་བསྟན་པ་བོད་དུ་བསུ་བའི་དགོས་མཁོས་གཏུགས་པ།
D ཐང་རྒྱལ་རབས་དང་མཛའ་འབྲེལ་གྱི་གཉེན་འཛིན་པའི་སླད་དུ་ཡི་གེ་བསྐུར་བ།
32.多选题 (4分)
བོད་ཡིག་ལ་མིང་གཞི་རྐྱང་པ་དང་། མགོ་ཅན། འདོགས་ཅན། མགོ་འདོགས་གཉིས་ལྡན་སོགས་ཀྱི་རྣམ་གཞག་མཛད་པ་ནི( )བཅས་ཡོད་པས་ཡིན།
A བོད་སྐད་ཀྱི་གདངས་ལ་སྒྲ་རྐྱང་པ་དང་།
B སྒྲ་འདུས་མ།
C བརྩེགས་པ།
D དབྱངས་གསལ་སོགས་ཀྱི་ཁྱད་པར་གསལ་པོར་ཐོན་པ།
33.多选题 (4分)
བོད་ཡིག་གི( )བཅས་ལ་ཡན་ལག་གི་ཡི་གེ་ཟེར་བ་རེད།
A སྔོན་འཇུག་དང་།
B མགོ་ཅན།
C འདོགས་ཅན།
D རྗེས་འཇུག
E ཡང་འཇུག
34.多选题 (4分)
བོད་ཡིག་ལ་སྦྱར་དུ་ཡོད་པའི་དབྱངས་ཀྱི་ཡི་གེ་བཞི་ནི( )བཅས་སོ། །
A ཨི་དང་།
B ཨུ་དང་།
C ཨེ་དང་།
D ཨོ་དང་།
E ཨ་དང་།
35.多选题 (4分)
བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་བོད་སྐད་ཀྱི་རམ་འདེགས་དང་མཚོན་བྱེད་དུ་སྤྱད་པའི་ཡི་གེ་ལ་དུས་མཚམས་བཞིར་ཕྱེས་པ་ནི( )
A ཐ་གུའི་ཡི་གེའི་དུས་རིམ་དང་།
B ཞང་ཞུང་ཡི་གེའི་དུས་རིམ་དང་།
C ཐོན་མིའི་ཡིག་སྲོལ་སྔ་དར་དང་།
D སྨྲ་སྒོ་མཚོན་ཆའི་གོང་རོལ་དང་།
E ཐོན་མིའི་ཡིག་སྲོལ་ཕྱི་དར་དང་།
36.多选题 (4分)
སྲིད་པའི་བླ་མདུད་ལ་ཞིབ་ཚགས་བྱས་ན( )ཡོད་གསུངས།
A སངས་ཁྲི་ཕྲག་འབུམ་དང་།
B བབ་སྐྱེན་པ་བསྡུས་པས་སུམ་བརྒྱ་དྲུག་ཅུ་དང་།
C བརྒྱག་གིས་བསྒྱུར་བ་མི་འདྲ་ཁྲི་ཙམ་དང་།
D བརྒྱག་གཙོ་བོ་བདུན་བརྒྱ་ཉི་ཤུར་བསྡུས་པ་དང་།
E མོ་མིང་སུམ་བརྒྱ་དྲུག་ཅུ་སོགས་ཡོད་པ་དང་།
37.多选题 (4分)
བོད་དུ་བྱུང་བའི་ཐ་གུའི་ཡི་གེའི་ཁྱད་ཆོས་གཙོ་བོ་དག་ནི( )རེད།
A གྲུབ་སྟངས་ལ་འགྲོས་སྲོལ་གསལ་པོ་ལྡན་པ།
B མདུད་པའི་རྣམ་གྲངས་གྱ་ནོམ་པར་མཆིས་པ།
C ཐ་གུའི་མདུད་པ་དག་གི་མཚོན་དོན་རྒྱ་ཆེ་བ།
D ཐ་གུའི་མདུད་པ་ལ་སྒྲ་གདངས་བཀླག་རྒྱུ་ཡོད་པ་དང་།
E ཐ་གུའི་ཡི་གེ་སྐོར་གྱི་བསྟན་བཅོས་གྱ་ནོམ་པ།
38.多选题 (4分)
ཐ་གུའི་ཡི་གེའི་མཚོན་དོན་ལ་བརྟག་པའི་བྱེད་ཐབས་གཙོ་བོ་དག་ནི( )རེད།
A ཡི་གེའི་འགྲུབ་རྒྱུ་སོ་སོའི་ཁྱད་པར་ལ་བརྟག་པ།
B ཡི་གེའི་རྣམ་གྲངས་ལ་བརྟག་པ།
C ཐ་གུ་དྲུག་ལྡན་གྱི་མདུད་པ་རིལ་པོའི་མཚོན་དོན་སྤྱི་ལ་དཔྱད་པ།
D ཐ་གུའི་ཡི་གེའི་ཁ་དོག་ལ་བརྟག་པ།
39.多选题 (4分)
སྔོན་འཇུག་དང་རྗེས་འཇུག་གི་འཇུག་ཚུལ་སྟོན་པའི་བྱེད་པ་བཞི་ཞེས་པ་ནི( )རེད།
A གང་ལ་འཇུག་པར་བྱེད་པ་དང་།
B གང་གིས་འཇུག་པར་བྱེད་པ།
C ཇི་ལྟར་འཇུག་པར་བྱེད་པ་དང་།
D ཅིའི་ཕྱིར་འཇུག་པར་བྱེད་པ།
E དབྱངས་ཡིག་གང་ཞིག་སྦྱར་ཡོད་པ།
40.多选题 (4分)
ཡི་གེས་མཚོན་པའི་མིང་དང་དེའི་དོན་གྱི་འབྲེལ་བ་འགྲུབ་བྱེད་ཀྱི་ཁྱད་པར་གྱི་ཆོས་ལྔ་ནི( )རེད།
A དོན་ལ་དམིགས་པ་དང་།
B རྗོད་པར་བྱེད་པ་དང་།
C མཚོན་པར་བྱེད་པ།
D སྒྲ་ལས་བྱུང་བ་དང་།
E མཐུན་པར་སྣང་བ་དང་།
F ཐུན་མོང་དུ་གྲགས་པ་དང་།
G མངོན་པར་ཞེན་པ་དང་།

声明:本站所有文章,如若本站内容侵犯了原著者的合法权益,可联系我们进行处理。